HiSuite དང་གསང་བའི་སྐོར་གྱི་གསལ་བསྒྲགས།
HiSuite ལས་སྒོ་ནི་ཧྭ་ཝེ་མཐའ་སྣེ་ ཚད་ཡོད་ཀུང་སི་དང་དེའི་འཛམ་གླིང་ཡོངས་ཀྱི་ཁེ་ལས་ཞོར་གཏོགས་ཀུང་སི་ (གཤམ་དུ་ང་ཚོའམ་ཧྭ་ཝེ་ཞེས་འབོད་རྒྱུ་) ཡིས་གཉེར་སྐྱོང་བྱེད་ཅིང་། ཁྱེད་ལ་གཞི་གྲངས་གྲབས་ཉར་དང་སླར་གསོ། ལག་ཁྱེར་ཁ་པར་གྱི་རྒྱུད་ཁོངས་གསར་སྒྱུར་དང་རིམ་སྤོར་གྱི་ཞབས་ཞུའི་ཐོན་རྫས་ (སམ་ཞབས་ཞུ་) མཁོ་འདོན་བྱེད། ང་ཚོས་མི་སྒེར་གྱི་ཆ་འཕྲིན་གྱིས་ཁྱེད་ལ་མཚོན་པའི་གལ་ཆེའི་རང་བཞིན་གསལ་པོར་ཤེས་རྟོགས་ཡོད་པས། ནུས་པ་གང་ཡོད་ཀྱིས་ཁྱེད་ཀྱི་མི་སྒེར་ཆ་འཕྲིན་གྱི་བདེ་འཇགས་དང་ཁུངས་ལྡན་ལ་སྲུང་སྐྱོབ་བྱེད་སྲིད། ང་ཚོས་ཁེ་ལས་ལས་རིགས་ཀྱི་གནད་སྨིན་འཐུས་ཚང་གི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས་དེ་དང་མཐུན་པའི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་སྤྱད་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་རྒྱུ་ཡིན།
ང་ཚོའི་ཐོན་རྫས་ (སམ་ཞབས་ཞུ་) བེད་མ་སྤྱོད་གོང་དུ། HiSuite དང་གསང་བའི་གསལ་བསྒྲགས་སྐོར་ཞེས་པ་ཞིབ་ཕྲའི་སྒོ་ནས་ལྟ་ཀློག་ཤེས་རྟོགས་ཐུབ་པ་བྱེད་དགོས།
ཁྱེད་ཀྱིས་ཁྱེད་རང་ཐོན་རྫས་འདིའམ་ཞབས་ཞུ་འདི་སྤྱོད་འགོ་འཛུགས་དུས་དར་མ་ཞིག་ཡིན་པ་ཁས་ལེན་བྱེད་དགོས། གལ་ཏེ་ཁྱེད་ལོ་ན་མ་སོན་པ་ཡིན་ཚེ། ཁྱེད་ཀྱི་ལྟ་སྐྱོང་བྱེད་མིས་ཁྱེད་ཀྱིས་ཉེར་སྤྱོད་འདི་བེད་སྤྱོད་པར་མོས་མཐུན་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་མོས་མཐུན་བྱེད་དགོས།
གལ་ཏེ་ཁྱེད་ལ་དོགས་གནད་བསམ་འཆར་རམ་གྲོས་གཞི་གང་ཞིག་ཡོད་རུང་ཞབས་ཞུའི་ཁ་པར་ 400-830-8300 འམ་ 800-830-8300 (གདན་འཇོག་ཁ་པར།) བརྒྱུད་ནས་འབྲེལ་གཏུག་གནང་བའམ་དྲ་ཐོག་གི་ཞབས་ཞུ་པ་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བའམ་དེ་ང་ཚོའི་འཛམ་གླིང་ཡོངས་ཀྱི་དོན་གཅོད་ཁང་དུ་ཡར་འབུལ་རོགས། གལ་ཏེ་དོན་གཅོད་ཁང་གི་ཆ་ཚང་བའི་རེའུ་མིག་ཐོབ་ཐབས་བྱེད་དགོས་ཚེ་ཧྭ་ཝེ་དང་འབྲེལ་བ་གནང་གི་དྲ་ངོས་ལྟ་སྤྱོད་གནང་རོགས།
ང་ཚོས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཆེད་གཉེར་ལས་འགན་གྱི་སྡེ་ཁག་ (གམ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཆེད་བཏང་མི་སྣ་) གསར་འཛུགས་སམ་བསྐོ་གཞག་བྱས་ཡོད། ཁྱེད་ཀྱིས་གསང་བའི་གནད་དོན་གྱི་དྲ་ངོས་ལྟ་སྤྱོད་བྱེད་པ་བརྒྱུད་ནས་དེ་དང་འབྲེལ་གཏུག་གནང་ཆོག
སྤྱིར་བཏང་གི་གནས་ཚུལ་འོག་ཏུ་ང་ཚོས་ཟླ་བ་གཅིག་གི་ནང་ལན་བསློག་སྲིད།
གལ་ཏེ་ཁྱེད་ཀྱིས་ང་ཚོས་ལན་འདེབས་པ་དེ་བློ་ལ་མ་བབ་ན། ལྷག་པར་དུ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཆོག
དང་པོ། ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཇི་ལྟར་སྡུད་པ་དང་བེད་སྤྱོད་པ་ཡིན།
མི་སྒེར་གྱི་ཆ་འཕྲིན་ནི་གློག་རྡུལ་ལམ་གཞན་གྱི་བྱེད་ཐབས་ཀྱིས་ཟིན་ཐོ་འགོད་པའི་ཁེར་རྐྱང་ངམ་གཞན་གྱི་ཆ་འཕྲིན་དང་ཟུང་འབྲེལ་བྱེད་དེ་ཆེད་བཙུགས་སྤྱི་དམངས་ཀྱི་ཐོབ་ཐང་དབྱེ་བ་འབྱེད་པའམ་ཆེད་བཙུགས་སྤྱི་དམངས་ཀྱི་བྱེད་སྒོའི་གནས་ཚུལ་མཚོན་ཐུབ་པའི་ཆ་འཕྲིན་སྣ་ཚོགས་ལ་ཟེར།
མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་ནང་དུ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་མི་སྒེར་གྱི་སྐྱེ་དངོས་དབྱེ་འབྱེད་ཀྱི་ཆ་འཕྲིན། དངུལ་ཁང་གི་དྲ་གྲངས། རྒྱུ་ནོར་གྱི་ཆ་འཕྲིན། འགྲོ་འདུག་གི་བགྲོད་ཤུལ། ཉོ་ཚོང་གི་ཆ་འཕྲིན། ལོ་ 14 (ཚུད་) མན་ཕྲུ་གུའི་མི་སྒེར་གྱི་ཆ་འཕྲིན་སོགས་ཚུད་ཡོད།
ང་ཚོས་གསལ་བསྒྲགས་འདིའི་ནང་དུ་བྲིས་པའི་གཤམ་གྱི་དམིགས་ཡུལ་ཁོ་ནར་གཞིར་བཟུང་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྡུད་པ་དང་བེད་སྤྱོད་བྱེད་སྲིད་དེ།
(དང་པོ།) ཁྱེད་ལ་གཤམ་གྱི་ལྟེ་བའི་རྩོལ་ནུས་ཀྱི་ཞབས་ཞུ་མཁོ་འདོན་བྱེད།
1 ལས་སྒོའི་རྩོལ་ནུས་དང་པོ། གྲབས་ཉར་དང་སླར་གསོ།
གྲབས་ཉར་དང་སླར་གསོ་མངོན་འགྱུར་ཡོང་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ།
མཐའ་སྣེ་སྒྲིག་ཆས་ཀྱི་ཆ་འཕྲིན་དུ་སྒྲིག་ཆས་ཀྱི་ IMEI IMSI SN UDID པར་གཞིའི་ཨང་། མཐའ་སྣེ་སྒྲིག་ཆས་ཀྱི་མིང་། མཐའ་སྣེ་སྒྲིག་ཆས་ཀྱི་བཟོ་རྟགས། མཐའ་སྣེ་སྒྲིག་ཆས་ཀྱི་ IP སྒྲིག་ཆས་ཀྱི་སྲ་ཆས་ཆ་འཕྲིན། (མཐའ་སྣེ་སྒྲིག་ཆས་ཀྱི་ CPU བཟོ་རྟགས། ROM/RAM ཆ་འཕྲིན།)
རྩིས་འཁྲུལ་མཉེན་ཆས་ཀྱི་ཆ་འཕྲིན། HiSuite ཡི་པར་གཞིའི་ཨང་རྟགས་དང་བཀོལ་སྤྱོད་རྒྱུད་ཁོངས་ཀྱི་པར་གཞིའི་ཨང་རྟགས།
གོང་བརྗོད་ཀྱི་གཞི་གྲངས་གནས་འདི་ག་ཁོ་ནར་གསོག་འཇོག་བྱེད་དེ། ཞབས་ཞུའི་སྟེགས་བུའི་ཐོག་ཏུ་ཡར་མི་སྐུར།
2 ལས་སྒོའི་རྩོལ་ནུས་གཉིས་པ། ལག་ཁྱེར་ཁ་པར་རྒྱུད་ཁོངས་ཀྱི་གསར་སྒྱུར་དང་བསྐྱར་བཟོ།
ཁྱེད་ཀྱི་རྒྱུད་ཁོངས་དུས་ཐོག་ཏུ་གསར་སྒྱུར་བྱེད་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ།
མཐའ་སྣེའི་སྒྲིག་ཆས་ཀྱི་ཆ་འཕྲིན། དེའི་ནང་དུ་སྒྲིག་ཆས་ཀྱི་སྒྲིག་ཆས་གསལ་འབྱེད་རྟགས་དང་མཐའ་སྣེའི་སྒྲིག་ཆས་ཀྱི་མིང་། མཐའ་སྣེའི་སྒྲིག་ཆས་ཀྱི་བཟོ་རྟགས། མཐའ་སྣེའི་སྒྲིག་ཆས་ཀྱི་ CPU བཟོ་རྟགས་དང་ ROM འམ་ RAM ཆ་འཕྲིན། རྒྱུད་ཁོངས་ཀྱི་པར་གཞིའི་ཨང་རྟགས་བཅས་ཚུད་ཡོད།
རྩིས་འཁྲུལ་དྲ་རྒྱའི་ཆ་འཕྲིན་ནང་དུ་ IP ས་གནས་ཚུད་ཡོད།
འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ཀྱི་སྒྲིག་ཆས་ལ་དེ་དང་ཆ་སྒྲིག་པའི་ ROM པར་གཞི་མཁོ་འདོན་བྱེད་ཆེད་ཡིན།
ང་ཚོས་གཤམ་གྱི་བྱེད་ཐབས་གཞིགས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱད་སྲིད་དེ། ཁྱེད་ཀྱིས་མཁོ་འདོན་བྱས་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་དང་རྒྱུད་ཁོངས་ཀྱི་ཆ་འཕྲིན་གཞིར་བཟུང་ནས། ཁྱེད་ཀྱི་སྒྲིག་ཆས་ ROM དང་འཚམ་པའི་པར་གཞི་འཚོལ་བ་དང་འོས་སྦྱོར་བྱེད། ཁྱེད་ཀྱི་དབང་བཅོལ་ཐོབ་རྗེས། པར་གཞི་གསར་ཤོས་ཕབ་ལེན་བྱེད་པ་མ་ཟད་རང་འགུལ་ཐོག་ནས་རིམ་པ་སྤོར་སྲིད། དེར་བརྟེན་ནས་རྒྱུད་ཁོངས་ནང་དུ་ཡོད་སྲིད་པའི་ཉེན་ཁ་ཐག་གཅོད་བྱེད།
གལ་ཏེ་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། རྒྱུད་ཁོངས་ ROM གསར་ཤོས་འཚོལ་ཐབས་བྲལ་ལ་སྒྲིག་ཆས་གསར་སྒྱུར་བྱེད་ཐབས་ཀྱང་བྲལ། མིག་སྔའི་རྒྱུད་ཁོངས་ནང་དུ་ཡོད་པའི་བདེ་འཇགས་ཀྱི་ཉེན་ཁ་ཡང་བསྐྱར་བཟོ་བྱེད་ཐབས་བྲལ་སྲིད།
3 ལས་སྒོའི་རྩོལ་ནུས་གསུམ་པ། ཉེར་སྤྱོད་ཀྱི་གསར་སྒྱུར་དང་ཕབ་ལེན།
ཁྱེད་ཀྱི་རྒྱུད་ཁོངས་ཁྲོད་ཀྱི་སྒྲིག་འཇུག་བྱས་ཟིན་པའི་ཉེར་སྤྱོད་ཀྱི་གསར་སྒྱུར་དང་ཉེར་སྤྱོད་ཕབ་ལེན་མངོན་འགྱུར་ཡོང་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ།
ཉེར་སྤྱོད་ཀྱི་ཆ་འཕྲིན་ནང་དུ་ཉེར་སྤྱོད་ཀྱི་མིང་དང་ཉེར་སྤྱོད་ཀྱི་པར་གཞི་ཚུད་ཡོད།
སྒྲིག་ཆས་ཆ་འཕྲིན་ནང་དུ་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས་དང་ UDID ཚུད་ཡོད།
རྩིས་འཁྲུལ་དྲ་རྒྱའི་ཆ་འཕྲིན་ནང་དུ་ IP ས་གནས་དང་ MAC ས་གནས་ཚུད་ཡོད།
འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ཀྱི་སྒྲིག་ཆས་ལ་དེ་དང་ཆ་སྒྲིག་པའི་ཉེར་སྤྱོད་ཀྱི་པར་གཞི་མཁོ་འདོན་བྱེད་ཆེད་ཡིན།
ང་ཚོས་གཤམ་གྱི་བྱེད་ཐབས་གཞིགས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱད་སྲིད་དེ། ཁྱེད་ཀྱིས་མཁོ་འདོན་བྱས་པའི་ཉེར་སྤྱོད་ཀྱི་ཆ་འཕྲིན་དང་སྒྲིག་ཆས་ཀྱི་ཆ་འཕྲིན། རྒྱུད་ཁོངས་ཀྱི་ཆ་འཕྲིན་གཞིར་བཟུང་ནས། ཁྱེད་ཀྱི་སྒྲིག་ཆས་དང་འཚམ་པའི་ཉེར་སྤྱོད་ཀྱི་པར་གཞི་འཚོལ་བ་དང་འོས་སྦྱོར་བྱེད། ཁྱེད་ཀྱི་དབང་བཅོལ་ཐོབ་རྗེས་སུ། པར་གཞི་གསར་ཤོས་ཕབ་ལེན་བྱེད།
གལ་ཏེ་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཉེར་སྤྱོད་ཀྱི་པར་གཞི་གསར་ཤོས་འཚོལ་ཐབས་བྲལ་ལ། ཉེར་སྤྱོད་གསར་སྒྱུར་དང་ཉེར་སྤྱོད་ཕབ་ལེན་ཡང་བྱེད་ཐབས་བྲལ།
4 ལས་སྒོའི་རྩོལ་ནུས་བཞི་པ། ལས་སྒོའི་ལེགས་བཅོས།
ཁྱེད་ལ་སྔར་ལས་ལེགས་པའི་མཉེན་ཆས་ཞབས་ཞུའི་ཉམས་ཞིབ་མཁོ་འདོན་བྱེད་ཐུབ་ཆེད་དུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་གྱི་ཆ་འཕྲིན་བསྡུ་རུབ་བྱེད་དགོས་ཏེ། ཉེར་སྤྱོད་བསྡོམས་རྩིས་ཀྱི་གཞི་གྲངས་དང་ལག་ཁྱེར་ཁ་པར་ལག་རོགས་བེད་སྤྱོད་པའི་བྱ་སྤྱོད་ཀྱི་གཞི་གྲངས་ཡིན། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ཀྱི་སྒྲིག་ཆས་ལ་དེ་དང་ཆ་སྒྲིག་པའི་ཉེར་སྤྱོད་ཀྱི་པར་གཞི་མཁོ་འདོན་བྱེད་ཆེད་ཡིན།
ང་ཚོས་གཤམ་གསལ་གྱི་བྱ་ཐབས་གཞིགས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བེད་སྤྱད་སྲིད་དེ། ཁྱེད་ཀྱིས་མཁོ་འདོན་བྱས་པའི་ཉེར་སྤྱོད་བསྡོམས་རྩིས་ཀྱི་གཞི་གྲངས་དང་ལག་ཁྱེར་ཁ་པར་ལག་རོགས་བེད་སྤྱོད་པའི་བྱ་སྤྱོད་ཀྱི་གཞི་གྲངས་གཞིར་བཟུང་ནས། ཁྱེད་ལ་སྔར་ལས་ལེགས་པའི་སྤྱོད་མཁན་གྱི་ཉམས་ཞིབ་དང་ཞབས་ཞུའི་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མཁོ་འདོན་བྱེད་ཆེད་དུ་ཡིན།
གལ་ཏེ་རྩོལ་ནུས་འདི་འགོ་འཛུགས་པའམ་མཚམས་འཇོག་དགོས་ཚེ། ལག་ཁྱེར་ཁ་པར་ལག་རོགས་ཀྱི་ནང་དུ་སྒྲིག་འགོད་ནས་རྒྱུན་སྲོལ་གྱི་སྒྲིག་འགོད་དུ་ཕེབས་ནས། སྤྱོད་མཁན་གྱི་ཉམས་ལེན་ལེགས་སུ་གཏོང་བའི་འཆར་གཞི་འདེམ་པའམ་མི་འདེམ་པ་བྱེད་ན་ཆོག
གཉིས་པ། ཁྱེད་གཞི་གྲངས་ཀྱི་གྲུབ་ཆ་གཙོ་བོའི་ཁེ་དབང་།
ཁྱེད་ལ་བཅའ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་ཀྱིས་ཁྱེད་ལ་གནང་བའི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ཚང་མ་ལོངས་སུ་སྤྱོད་ཆོག་ཏེ། གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་འཆར་རམ་གྲོས་གཞི་གང་རུང་ཞིག་ཡོད་ཚེ། གསལ་བསྒྲགས་འདིའི་ནང་གི་ཡི་གེའི་མགོའི་འབྲེལ་གཏུག་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད་ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག
གསུམ་པ། གཞི་གྲངས་གསོག་འཇོག་གི་ས་གནས་དང་དུས་ཚད།
(དང་པོ།) གཞི་གྲངས་གསོག་འཇོག་གི་ས་གནས།
ང་ཚོས་ལག་ཁྱེར་ཁ་པར་གྱི་རྒྱུད་ཁོངས་གསར་སྒྱུར་དང་བསྐྱར་བཟོའི་ལས་སྒོའི་འོག་ནས་བསྡུས་པ་དང་གསར་བྱུང་གི་མི་སྒེར་གྱི་ཆ་འཕྲིན་དག ཀྲུང་གོའི་སྐམ་ས་ཆེན་པོར་ཡོད་པའི་ཞབས་ཞུའི་སྟེགས་བུའི་ཐོག་ཏུ་གསོག་འཇོག་བྱ་སྲིད།
(གཉིས་པ།) གཞི་གྲངས་གསོག་འཇོག་གི་དུས་ཚད།
ང་ཚོས་དམིགས་ཡུལ་མངོན་འགྱུར་ཡོང་བར་དགོས་ངེས་ཀྱི་དུས་ཚོད་ཁོ་ནའི་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་གསོག་བྱེད་པ་མ་ཟད། གཤམ་དུ་བརྗོད་པའི་ཉར་གསོག་གི་དུས་ཚོད་ལས་རྒལ་རྗེས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱེད། འོན་ཀྱང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་ཟུར་དུ་རེ་བ་འདོན་ཡོད་པ་ཕུད།
ལག་ཁྱེར་ཁ་པར་གྱི་རྒྱུད་ཁོངས་གསར་སྒྱུར་དང་བསྐྱར་བཟོའི་ལས་སྒོའི་ཁྲོད། ཁྱེད་ཀྱི་མི་སྒེར་གྱི་གཞི་གྲངས་ཉར་བའི་དུས་ཚོད་ཞིབ་ཕྲ་གཤམ་གསལ་ལྟར།
སྤྱོད་མཁན་གྱིས་ཧྭ་ཝེ་དང་བརྗེ་རེས་བྱེད་ཐེངས་མཇུག་མའི་ཉིན་དེ་ནས་བཟུང་ཟླ་བ་དྲུག་ (6) གི་ནང་དུ་ལས་སྒོའི་ཐོག་གི་འགྲོ་འོང་གང་ཡང་བྱུང་མེད་ཚེ། ང་ཚོས་གཞི་གྲངས་འདི་བསུབ་སྲིད།
དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་འཁོར་སྐྱོད་བྱེད་མཚམས་འཇོག་པའི་གནས་ཚུལ་ཐོན་ཚེ། ང་ཚོས་བརྡ་ཐོ་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པའི་ཐོག་ནས་ཁྱེད་ལ་བརྡ་ཐོ་གཏོང་བ་མ་ཟད། ལུགས་མཐུན་གྱི་དུས་ཡུན་ནང་དུ་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱ་སྲིད།
བཞི་པ། གསལ་བསྒྲགས་འདི་ཇི་ལྟར་གསར་སྒྱུར་བྱེད་པ།
ཧྭ་ཝེ་ཡིས་དུས་དང་མཐུན་པར་གསལ་བསྒྲགས་འདི་གསར་སྒྱུར་བྱེད་པའི་དབང་ཆ་སོར་ཉར་བྱེད། གསལ་བསྒྲགས་ལ་འགྱུར་ལྡོག་བྱུང་དུས་ང་ཚོས་འཕར་ཁུང་གི་རྣམ་པའི་ཐོག་ནས་ཁྱེད་ལ་སྒྱུར་རྗེས་ཀྱི་གསལ་བསྒྲགས་སྟོན། ཁྱེད་ཀྱི་མོས་མཐུན་ཐོབ་རྗེས་སུ་ང་ཚོས་གཞི་ནས་གསར་སྒྱུར་བྱེད་རྗེས་ཀྱི་གསལ་བསྒྲགས་ལ་གཞིགས་ནས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྡུད་པ་དང་སྤྱོད་པ་དེ་བཞིན་གསོག་འཇོག་བཅས་བྱེད།
གསལ་བསྒྲགས་འདི་གསར་སྒྱུར་བྱེད་པའི་ཉིན་དེ་ནས་ནུས་པ་ཐོན།
ཉེ་ཆར་དུ་གསར་སྒྱུར་བྱས་པའི་ཚེས་གྲངས་ནི་སྤྱི་ལོ་ 2018 ཟླ་བ་ 4 ཚེས་ 25 ཉིན་ཡིན།
གལ་ཆེའི་གསལ་འདེབས། གསང་བའི་གསལ་བསྒྲགས་འདི་ནི་ HiSuite ཉེར་སྤྱོད་ཀྱི་གསང་བའི་ཐད་ཀྱི་ཞིབ་གླེང་དང་ཁས་ལེན་ཡིན། གལ་ཏེ་ཁྱེད་ཀྱིས་དེ་ལས་མང་བའི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་དང་ཆ་འཕྲིན་བདེ་འཇགས་བྱེད་ཐབས་སོགས་ཀྱི་སྐོར་གྱི་ཞིབ་ཕྲའི་ཆ་འཕྲིན་ལ་རྒྱུས་མངའ་ལོན་འདོད་ཚེ། ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་གསང་བའི་གསལ་བསྒྲགས་ཞེས་པ་ཀློག་རོགས།